继承佛陀家业:佛子行三十七颂 (敬诵一遍,功德无边)




རྒྱལ་སྲས་ལག་ལེན་བཞུགས༑ 
佛子行三十七颂
 无著菩萨 造 
 
 

࿑ ན་མོ་ལོ་ཀེ་ཤྭ་ར་ཡ༑ ༑ 

那莫罗给夏日雅! 

གང་གིས་ཆོས་ཀུན་འགྲོ་འོངས་མེད་གཟིགས་ཀྱང༑ 

虽见诸法无来去, 

འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི༑ 

然唯精勤利众者, 

བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ༑ 

胜师怙主观音前, 

རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ༑ 

三门恒时敬顶礼。 

ཕན་བདེ་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས༑ 

利乐之源诸佛陀, 

དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི༑ 

修持正法而成就, 

དེ་ཡི་ལག་ལེན་ཤེས་ལ་རག་ལས་པས༑ 

亦依了知其行故, 

རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ༑ 

于此宣说佛子行。 


དལ་འབྱོང་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར༑ 

已获暇满大舟时, 

བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར༑ 

为自他渡轮回海, 

ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི༑ 

日日夜夜不懈怠, 

ཉན་སེམས་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན༑ 

闻思修持佛子行。 

གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ༑ 

贪恋亲方如沸水, 

དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར༑ 

嗔恨敌方如烈火, 

བླང་དོར་བརྗེན་པའི་གཏི་མུག་མུན་ནག་ཅན༑ 

遗忘取舍愚暗者, 

ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན༑ 

抛弃故乡佛子行。 

ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ༑ 

离恶境故惑渐轻, 

རྣམ་གཡེང་མེད་པས་དགེ་སྤྱོང་ངང་གིས་འཕེལ༑ 

无散乱故善自增, 

རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ༑ 

净心于法生定解, 

དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན༑ 

居于静外佛子行。 

ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ༑ 

长伴亲友各分离, 

འབད་པས་སྒྲུབ་པའི་ནོར་རྫས་ཤུལ་དུ་ལུས༑ 

勤积之财留后世, 

ལུས་ཀྱི་འགྲོན་ཁང་རྣམ་ཤེས་འགྲོན་པོས་འབོང༑ 

识客终离身客店, 

ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན༑ 

舍弃今世佛子行。

གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང༑ 

交往恶人增三毒, 

ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ༑ 

失坏闻思修事业, 

བྱམས་དང་སྙིང་རྗེས་མེད་པར་སྒྱུར་བྱེད་པའི༑ 

令成无有慈悲者, 

གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན༑ 

远离恶友佛子行。 

གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང༑ 

依止正士灭罪业, 

ཡོན་ཏན་ཡང་ངོའི་ཟླ་ལྟར་འཕེལ་འགྱུར་བའི༑ 

功徳增如上弦月, 

བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང༑ 

殊胜上师较自身, 

གཅེས་པར་འཛན་པ་རྒྱལ་སྲས་ལག་ལེན་ཡིན༑ 

更为珍爱佛子行。 

 
 
རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡིས༑ 

己尚缚于轮回狱, 

འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས༑ 

世间天神能救谁? 

དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི༑ 

故知殊胜无欺处, 

དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན༑ 

皈依三宝佛子行。 

ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས༑ 

佛说难忍恶趣苦, 

སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས༑ 

皆为恶业之果报, 

དེ་ཕྱིར་སྲོག་ལ་བབ་ཀྱང་མི་དགེའི་ལས༑ 

是故纵遇生命难, 

ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན༑ 

永不造罪佛子行。 

སྲིད་གསུམ་བདེ་བ་རྩྭ་རྩེས་ཟིལ་པ་བཞིན༑ 

三有乐如草尖露, 

ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན༑ 

乃是瞬间坏灭法, 

ནམ་ཡང་མི་འགྱུར་ཐར་བའི་གོ་འཕང་མཆོག༑ 

了知恒时无变法, 

དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན༑ 

希求解脱佛子行。 

ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན༑ 

无始时来慈我者, 

མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ༑ 

诸母若苦自何乐? 

དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར༑ 

是故为度无边众, 

བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན༑ 

发菩提心佛子行。

 

སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང༑ 

诸苦由求自乐生, 

རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྱུངས༑ 

圆满正觉利他成, 

དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག༑ 

是故己乐与他苦, 

ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན༑ 

真实相换佛子行。 


སུ་དག་འདོད་ཆེན་དབང་གིས་བདག་གི་ནོར༑ 

何人以大贪欲心, 

ཐམས་ཅན་འཕྲོག་གམ་འཕྲོག་ཏུ་བཅུག་ན་ཡང༑ 

夺或令夺我诸财, 

ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས༑ 

自身受用三世善, 

དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན༑ 

回向于他佛子行。 


 
བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ༑ 

我虽无有些微错, 

གང་དག་བདག་གི་མགོ་བོ་གཅོད་བྱེད་བྱེད་ནའང༑ 

何人若断吾头颅, 

སྙིང་རྗེ་དབང་གིས་དེ་ཡི་སྡིག་པ་རྣམས༑ 

然以悲心将彼罪, 

བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན༑ 

自身代受佛子行。 

འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ༑ 

有者百般中伤吾, 

སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང༑ 

恶名纵遍三千界, 

བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི༑ 

然我深怀慈爱心, 

ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན༑ 

赞其功德佛子行。 

འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས༑ 

何人大庭广众中, 

མཚང་ནས་འབྲུས་ཤིང་ཚིག་ངན་སྨྲ་ན་ཡང༑ 

揭露吾过出恶语, 

དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས༑ 

于彼亦作上师想, 

གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན༑ 

恭敬顶礼佛子行。

 

བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས༑ 

吾如自子爱护者, 

བདག་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང༑ 

彼纵视我如怨敌, 

ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ༑ 

犹如慈母于病儿, 

ལྷག་པར་བརྩེ་བ་རྒྱལ་ལག་ལེན་ཡིན༑ 

尤为怜爱佛子行。 

རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས༑ 

与我等同或下士, 

ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང༑ 

虽以傲慢而凌辱, 

བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི༑ 

然吾敬其如上师, 

སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན༑ 

恒时顶戴佛子行。 

འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙེས༑ 

贫穷恒常受人欺, 

ཚབ་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར༑ 

且为重疾恶魔逼, 

འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང༑ 

众生罪苦自代受, 

ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན༑ 

无有怯懦佛子行。 

སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད༑ 

美名远扬众人敬, 

རྣམ་ཐོབ་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང༑ 

亦获财如多闻子, 

སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས༑ 

然见世福无实义, 

ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན༑ 

毫无傲慢佛子行。 

རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན༑ 

自嗔心敌若未降, 

ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར༑ 

降伏外敌反增强, 

དེའི་ཕྱིར་བྱམས་དང་སྙིང་རྗེས་དམག་དཔུང་གིས༑ 

故以慈悲之军队, 

རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན༑ 

调伏自心佛子行。 

འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ༑ 

一切妙欲如盐水, 

ཇི་ཙམ་སྤྱོད་ཅིང་སྲེད་པ་འཕེལ་བར་འགྱུར༑ 

愈享受之愈增贪, 

གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས༑ 

令生贪恋诸事物, 

འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན༑ 

即刻放弃佛子行。

 

ཇི་ལྟར་སྣང་བ་འདི་དག་རང་གི་སེམས༑ 

一切境现唯心造, 

སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ༑ 

心性本来离戏边, 

དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས༑ 

了达此理于二取, 

ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན༑ 

皆不作意佛子行。 

ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན༑ 

逢遇悦意对境时, 

དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ༑ 

视如夏季之彩虹, 

མཛེས་པར་སྣང་ཡང་བདེན་པར་མི་ལྟ་ཞིང༑ 

虽显美妙然无实, 

QQ 微博 好友邮箱 随便看看 评论 纠错 更多

Hi 陌生人你好!


网友点赞推荐
关于藏传佛教宁玛巴

藏传佛教宁玛巴网为您提供最新的藏传佛教宁玛巴信息,让您快速了解藏传佛教宁玛巴的相关内容,感谢您分享转发藏传佛教宁玛巴。

南无阿弥陀佛

导航菜单